魔鏡歌詞網
魔鏡歌詞網 > 女生歌手 > 澤旺拉姆 > 我的小世界 > 神奇的學院

澤旺拉姆



歌詞
專輯列表

澤旺拉姆

神奇的學院

作詞:曼偉波
作曲:民間

ཐུ་བྷོད་བཙན་པོའི་སྲོག་གི་རྩ་བ་དང་།
དྲིན་ཆེན་སམ་བྷོ་ཊ་ཡི་ཐུགས་བཅུད་དེ།
གངས་ཅན་ཕ་ཡིག་བསྟན་པ་འཛིན་མཁས་པའི།
ཁམས་ཀྱི་བོད་ཡིག་སློབ་གླིང་ངོ་མཚར་ཆེ།
འོ་་་་་་ཧོ་་་་་་ཁམས་ཀྱི་བོད་ཡིག་སློབ་གླིང།
འོ་་་་་་ཧོ་་་་་་ཁམས་ཀྱི་བོད་ཡིག་སློབ་གླིང་ངོ་མཚར་ཆེ།
མཁས་མཛངས་ལྡན་པའི་དགེ་རྒན་དཔུང་ལྡེ་ལ།
གནའ་དེང་ཟུང་དུ་འབྲེལ་བའི་ཁྲིད་ཐབས་ལྡན།
རིགས་ཀྱི་སྲོལ་བཟང་བླ་སྲོག་མ་ཉམས་པའི།
ཁམས་ཀྱི་བོད་ཡིག་སློབ་གླིང་ངོ་མཚར་ཆེ།
འོ་་་་་་ཧོ་་་་་་ཁམས་ཀྱི་བོད་ཡིག་སློབ་གླིང།
འོ་་་་་་ཧོ་་་་་་ཁམས་ཀྱི་བོད་ཡིག་སློབ་གླིང་ངོ་མཚར་ཆེ།
更多更詳盡歌詞 在 ※ Mojim.com 魔鏡歌詞網
བློ་གསལ་རིག་པ་རྣོ་བའི་སློབས་ཚོགས་ལ།
སྣ་ཚོགས་ཤེས་བྱ་རིག་པའི་གཏིང་ཚད་ཟབ།
རིགས་ཀྱི་བདེ་སྟུག་སྲུང་བའི་འདུ་ཤེས་བརྟན།
ཁམས་ཀྱི་བོད་ཡིག་སློབ་གླིང་ངོ་མཚར་ཆེ།
འོ་་་་་་ཧོ་་་་་་ཁམས་ཀྱི་བོད་ཡིག་སློབ་གླིང།
འོ་་་་་་ཧོ་་་་་་ཁམས་ཀྱི་བོད་ཡིག་སློབ་གླིང་ངོ་མཚར་ཆེ།
འདི་ནས་མཁས་དང་གྲུབ་པའི་སྟག་ཤར་འཁྲུངས།
འདི་ནས་མཛངས་ཡོན་ལྡན་པའི་མཛེས་མ་འཁྲུངས།
འདི་ནས་མི་རིགས་ཤིག་གི་རླུང་རྟ་འཕུར།
འདི་ནི་ངོ་མཚར་ནང་གི་ངོ་མཚར་ཡིན།
འོ་་་་་་ཧོ་་་་་་འདི་ནི་ངོ་མཚར་ནང་གི།
འོ་་་་་་ཧོ་་་་་་འདི་ནི་ངོ་མཚར་ནང་གི་ངོ་མཚར་ཡིན།
འདི་ནི་ངོ་མཚར་ནང་གི་ངོ་མཚར་ཡིན།